"མུ་མཐུད་ནང་འཛུལ་བྱེད་པ་" ལོ་གཅིག་བསྲིང་།

This page is a translated version of the page "Keep me logged in" extended to one year and the translation is 100% complete.

2016 ལོའི་ཟླ་བརྒྱད་པའི་ཚེས་བཅུ་དྲུག། རེས་གཟའ་མིག་དམར། རྒྱལ་སྤྱི་མཐུན་སྦྱོར་དུས་ཚོད་ 13:00 (8:00 a.m. PDT) ཐོག་ཝེ་ཁེསྨྱན་སྦྱོར་དྲ་སྒང་ནས་དུས་ཡུན་བསྲིང་ཆེད་ནང་འཇུལ་ལ་འགྱུར་བ་བཏང་། འདིས་བཀོལ་སྤྱོད་མཁན་སུ་ཞིག་གི་ནང་འཛུལ་ཤོག་ངོས་ཐོག་གདམ་བྱང་Keep me logged in (for up to $1 days)འདེམས་ཡོད་པ་ཁོ་ནར་ཤུགས་རྐྱེན་ཐེབས། མིག་སྔར། གདམ་བྱང་འདི་ཟླ་གཅིག་གི་རིང་ལ་མ་གཏོགས་བསྲིང་ནུས་མིན།

བཀོལ་སྤྱོད་མཁན་སུ་ཞིག་གི་Keep me logged in (for up to $1 days)འདེམས་་མེད་ན་འགྱུར་བ་འདེིས་ཤུགས་རྐྱེན་གང་ཡང་མེད། ཁྱེད་ཀྱིས་བརྙན་ཡོལ་གོང་གི་གཡོན་ཟུར་ཀྱི་Log outའཐེབ་གཅུས་བསྣན་པའམ་དྲ་ཚིགས་ཀྱི་དུས་བསྟུན་གསོག་འཇོག་སྙིགས་རོ་དག་གསུབ་ནས་སྟབས་བདེ་པོ་ངང་ཕྱིར་འབུད་བྱེད་ཆོག

དྲི་བ།

འགྱུར་ལྡོག་གཏོང་དོན་ཅི་ཡིན་ནམ།

སྤྱོད་མཁན་གྱིས་དམིགས་བསལ་ཅན་གྱི་སྒོ་ནས་དུས་ཡུན་རིང་དུ་བསྲིང་རྒྱུའི་གདམ་ཀ་དེ་གདམ་གསེས་བཏང་ན། ཟླ་གཅིག་ལས་བརྒལ་ནས་མིང་དང་གསང་གྲངས་སོགས་གསོག་འཇོག་བྱ་ཐུབ། དུས་ཡུན་བསྲིང་པས་ན། རྩོམ་སྒྲིག་ཆས་དོན་མེད་དུ་དྲ་སྦྲེལ་རྣམ་པ་ལས་ེད་འགྲོ་བའི་སྣང་ཚུལ་ཇེ་ཉུང་དུ་ཕྱིན་ངེས། ནང་འཛུལ་གྱི་དུས་ཡུན་སྔར་དང་བསྡུར་ན་ཤིན་ཏུ་རིང་འདུག ང་ཚོས་དྲ་ངོས་སྙིགས་རོ་དང་འགྱུར་ལྡོག་ཉུང་ངུ་རེ་ཐག་གཅོད་བྱ་ཆེད་དུ་ལོ་འགའི་སྔོན་ལ་ནང་འཛུལ་དུས་ཡུན་ཟླ་གཅིག་བཟོས་ཡོད། དུས་དེ་ནས་བཟུང་། སྤྱོད་མཁན་གང་མང་ཞིག་གི་དེའི་སྐོར་གྱི་དུས་ཡུན་བསྲིང་དགོའ་པའི་རེ་ཞུ་བཏོན།

འགྱུར་བ་བཏང་པ་འདིས་ད་ཡོད་ཀྱི་ནང་འཛུལ་དང་མ་འབྲེལ་བའི་དྲ་ངོས་སྙིགས་རོ་ལ་གནོད་སྲིད་དམ།

གནོད་མི་སྲིད་དོ།།

འདི་ཝེ་ཁེ་རིག་མཛོད་སྤྱོད་མཁན་སུ་ལྟ་བུ་ལ་འོས་འཚམ་ཡིན་ནམ།

འགྱུར་བ་བཏང་བ་འདི་སྐད་རིགས་རིས་མེད་པར་WMF wikiལ་ཤུགས་རྐྱེན་ཐེབས་སྲིད། དེའི་ཁྲོད་དུ་Wikipediaདང་Wiktionary། ལྷུ་ལག MediaWiki.orgབཅས་འདུས་སོ།།

གལ་སྲིད་ངའི་ཝེ་ཁེ་དྲ་ངོས་སུ་Keep me logged in (for up to $1 days)ཡི་དུས་བཅད་ཤར་བ་དེ་ཡང་དག་པ་ཡིན་ནམ།

ཝེ་ཁེ་མང་ཆེ་བས་ད་ཡོད་ཀྱི་གཏན་ཁེལ་བརྡ་འཕྲིན་སྤྱོད་བཞིན་ཡོད། འདི་ནི་ "Keep me logged in (for up to $1 days)" འཆར་བ་མ་གཏོགས། དུས་ཡུན་རིང་ཚད་ཁ་གསལ་སྟོན་ཀྱིན་མེད། གནས་ཚུལ་འདི་ལྟ་བུའི་འོག་ནས། བརྡ་སྦྱོར་ལ་སྔར་བཞིན་འགྱུར་བ་ཡོད་མི་སྲིད།

གལ་སྲིད་ཁྱེད་ཀྱི་མིག་ཝེ་ཁེ་རིག་མཛོད་སྤྱོད་བཞིན་པའི་སྐབས་སུ་བརྡ་སྦྱོར་སྐོར་གྱི་སྒྲིག་འགོད་ལ་བཅོས་བསྒྱུར་བཏང་ཡོད་ན། བརྡ་སྦྱོར་དེ་ཡིས་ཁྲོད་དུ་ནང་དོན་གསར་བ་ཁ་སྣོན་བྱ་ངེས། ངས་ཅི་ཡང་བསྒྱུར་བཅོས་བྱ་མི་འདོད། ཝེ་ཁེ་རིག་མཛོད་ཀྱི་ནང་དོན་གང་ཡིན་རུང་ MediaWiki:Userlogin-remembermypassword ལ་བསྒྱུར་བཅོས་བཏང་ནས་དེའི་རིང་ཐུང་ཚོད་འཛིན་བྱ་ཆོག "ང་རང་ནང་འཛུལ་བྱ་རྒྱུ། (for up to $1 {{PLURAL:$1|day|days}})". མཉེན་ཆས་ཀྱིས་རང་ཤུགས་སྒོས་ཡང་དག་པའི་ཆུ་ཚོད་ཀྱི་རིང་ཐུང་ཁ་སྣོན་རྒྱག་ངེས། དེ་ཁྲོད་ཀྱི་$1 ནི་ཚིག་དུམ་འདིའི་ཁྲོད་ན་ཡོད། གལ་སྲིད་དགོས་མཁོ་ཡོད་ན། ཁྱེད་ཀྱིས་དབྱིན་ཡིག་གི་ཝེ་ཁེ་རིག་མཛོདཁྲོད་ཀྱི་མ་དཔེ་ལ་བསྐྱར་བཤུས་དང་ལོ་ཙྰ་བྱ་རུང་།

གལ་སྲིད་ཁྱེད་ཀྱིས་སྤྱོད་བཞིན་པའི་ཝེ་ཁེ་ནི་སྲ་བརྟན་རང་བཞིན་ཅན་གྱི་ཚབ་གྲངས་སྤྱད་ནས་ས་གནས་ཆུ་ཚོད་ལ་ཚོད་འཛིན་བྱེད་ཡོད་པ་ཡིན་ཚེ། དཔེ་ན་ང་རང་ཟླ་གཅིག་ལ་ནང་འཛུལ་དུས་ཡུན་བསྲིང་ཅིགཅན་ཡིན་པ་དང་། $1 སྒྲིག་འགོད་ནུས་པ་མི་ལྡན་ཚེ། མྱུར་དུ་ཚབ་གྲངས་དེ་ལ་བསྒྱུར་བཅོས་གཏོང་རོགས། སྒྲིག་འགོད་དེ་བེད་སྤྱོད་བཏང་པ་ཡིས་སྤྱོད་མཁན་ཁྱེད་རང་གིས་སྒྲིག་འགོད་འདིའི་སྐོར་གྱི་གནས་ཚུལ་གང་ཡིན་ཡང་ཤེས་གསལ་ཡོད་པ་མཚོན་ཡོད།

བསྒྱུར་བཅོས་བཏང་ན་ད་ཡོད་ཀྱི་ནང་འཛུལ་གདམ་བྱང་ལ་ཤུགས་རྐྱེན་ཐེབས་སྲིད་དམ།

ད་ཡོད་ཀྱི་གདམ་བྱང་ལ་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད། སྤྱོད་མཁན་གྱིས་དུས་མ་འགྱངས་བར་ཕྱིར་འབུད་བྱེད་མི་སྲིད་ལ། ད་ཡོད་ཀྱི་གདམ་བྱང་དེར་བསྒྱུར་བཅོས་གང་ཡང་གཏོང་མི་དགོས། བསྒྱུར་བཅོས་འདིས་ཐེངས་རྗེས་མའི་ནང་འཛུལ་བྱ་སྐབས་གདམ་གསེས་Keep me logged in (for up to $1 days)འདི་འདེམས་ན་ནུས་པ་ཐོན།

བསྒྱུར་བཅོས་འདི་གསང་རྒྱ་ཇུས་གཞི་ཡིག་ཆ་དང་མཐུན་མན།

ལགས་སོ། ཁྲིམས་དོན་ཚོགས་ཆུང་གིས་བསྒྱུར་བཅོས་འདི་ནི་ སྒེར་གྱི་གསང་དོན་སྲིད་ཇུས་ དང་མཐུན་པར་ཞིབ་བསྡུར་བྱས་ཟིན།

ཞིབ་མོའི་ནང་དོན་ལ།

  • phab:T68699 - ཝེ་ཁེ་རིག་མཛོད་དང་སྨྱན་གཟུགས། ངའི་སྤྱོད་མིང་དང་གསང་གྲངས་གསོག་འཇོག་བྱ་བའི་དྲ་ངོས་གསོག་འཇོག་ནུས་པ་ཟླ་གཅིག་ནས་ལོ་གཅིག་ལ་བསྲིང་ཐུབ་བོ།།

གལ་སྲིད་ཁྱེད་རང་ཝེ་ཁེ་རིག་མཛོད་ཀྱི་འགན་འཛིན་པ་ཡིན་པ་ན། སྒྲིག་འགོད་འདི་དག་ལ་བསྒྱུར་བཅོས་གཏོང་བསམ་ན། Manual:$wgExtendedLoginCookieExpiration དང་Manual:$wgCookieExpiration ཁྲོད་ཀྱི་ནང་དོན་ལ་གཟིགས་རོགས།